1 ང་ཚོས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་ཇི་ལྟར་བསྡུ་རུབ་དང་བེད་སྤྱོད་བྱེད་དམ།
1.1 ཁྱེད་ལ་གཤམ་གྱི་ལྟེ་བའི་རྩོལ་ནུས་ཀྱི་ཞབས་ཞུ་མཁོ་འདོན་བྱེད།
(1)འཛམ་གླིང་སྤོ་རུང་གཞི་གྲངས་དྲ་འབྲེལ། SkyTone ཡིས་ཁྱེད་ལ་འཛམ་གླིང་སྤོ་རུང་གཞི་གྲངས་དྲ་འབྲེལ་ཞབས་ཞུ་མཁོ་འདོན་བྱེད། ཁྱེད་ཀྱིས་ SkyTone གི་ནང་ནས་འཁྱེར་འཕྲིན་གཞི་གྲངས་སྡེབས་ཟས་ཉོ་སྒྲུབ་བྱ་ཆོག་ལ། སྡེབས་ཟས་བཀོད་ཁྱབ་ཧྭ་ཝེའི་ཁ་པར་མང་པོར་མཉམ་དུ་སྤྱོད་ཐུབ་ཆེད། ཁྱེད་ཀྱིས་སྔོན་ལ་ཧྭ་ཝེའི་ཐོ་ཨང་ཐོ་འཇུག་གནང་ནས་ཉོ་སྒྲུབ་བྱས་ན་བཟང་། སྡེབས་ཟས་ཀྱིས་དམིགས་འཛུགས་བྱས་པའི་ཞབས་ཞུའི་ཁུལ་དུ་ཐོན་ཚེ་སྡེབས་ཟས་སྤྱད་ནས་མཉམ་སྦྲེལ་དྲ་རྒྱར་སྦྲེལ་ཆོག གལ་སྲིད་ཁྱེད་རང་ཁུལ་ཕྱིར་སླེབས་རུང་སྔོན་ཚུད་ནས་འབྲེལ་ཡོད་ཀྱི་སྡེབས་ཟས་ཉོས་མེད་ཚེ། ང་ཚོས་ཁྱེད་ལ་རིན་མེད་ཀྱི་དྲ་བའི་བརྒྱུད་ལམ་མཁོ་འདོན་བྱས་ནས། ཁྱེད་ཀྱིས་འཁྱེར་འཕྲིན་གཞི་གྲངས་ཀྱི་སྡེབས་ཟས་ལྟ་བཤེར་དང་ཉོ་སྒྲུབ་བྱེད་པར་སྟབས་བདེ་བསྐྲུན་ཐུབ། ཁྱེད་ཀྱི་སྒྲིག་ཆས་ཡོད་སའི་གནས་ཡུལ་ཤན་འབྱེད་བྱེད་ཆེད་དང་། ཁྱེད་ལ་རོགས་བྱས་ནས་མཉམ་སྦྲེལ་དྲ་རྒྱར་མཐུད་དགོས་ཚེ། ང་ཚོས་ཁྱེད་ཀྱི་སྒྲིག་ཆས་གསལ་བྱེད་རྟགས། སྒྲིག་ཆས་ཀྱི་བཟོ་རྟགས། སྒྲིག་ཆས་ཀྱི་གནས་ཡུལ་རགས་པ། དྲ་བའི་ཆ་འཕྲིན། འཁོར་བསྐྱོད་ཚོང་པའི་ཆ་འཕྲིན།དེ་བཞིན་ཁྱེད་ཀྱི་འཛིན་ཤོག་བེད་སྤྱོད་ཀྱི་གནས་ཚུལ་དང་ལས་སྒོའི་བེད་སྤྱོད་ཀྱི་དུས་ཡུན་དང་། བཞུར་ཚད་ཀྱི་ཆ་འཕྲིན་སོགས་བསྡུ་རུབ་བྱེད་དགོས་ལ། དུས་མཚུངས་སུ་ཁྱེད་ཀྱི་གནས་ཡུལ་གྱི་ཆ་འཕྲིན་ཞིབ་ཕྲ་སྤྱད་ནས་ཁྱེད་ལ་སྡེབས་ཟས་མགྱོགས་ཤིང་གནད་ལ་འཁེལ་བར་སྤྱོད་རྒྱུ་ཡོང་བ་བྱེད། འོན་ཀྱང་ཁྱེད་ཀྱི་གནས་ཡུལ་གྱི་ཆ་འཕྲིན་ཞིབ་ཕྲ་ཞབས་ཞུའི་ཆས་སུ་ཡར་སྐྱེལ་མི་བྱེད། (2)ཕྱོགས་གསུམ་པའི་ཞབས་ཞུའི་ཚོང་པས་འདོན་སྤྲོད་བྱས་པའི་རྩོལ་ནུས། SkyTone ཡིས་ཁྱེད་ལ་གོ་ལ་ཧྲིལ་པོའི་མགྲོན་ཁང་དང་། གོ་ལ་ཧྲིལ་པོའི་རླངས་འཁོར་གླ་གཏོང་། རྒྱལ་སྤྱིའི་གནམ་གྲུའི་འཛིན་བྱང་། སྐད་གདངས་ལམ་སྟོན། ཕྱི་བསྐྱོད་ཡི་གེ་སོགས་ཀྱི་ཞབས་ཞུ་གཅིག་སྡུད་བྱས་ཡོད། ཞབས་ཞུ་དེ་དག་ཕྱོགས་གསུམ་པའི་ཞབས་ཞུ་མཁོ་འདོན་ཚོང་པས་མཁོ་འདོན་བྱས་པ་ཡིན་ལ། དེ་དག་ལ་རང་ཉིད་ཀྱི་སྒེར་གསང་དང་འབྲེལ་ཡོད་སྲིད་ཇུས་ཡོད་ཀྱང་སྲིད། ང་ཚོས་ཚོང་དོན་ཐད་ཀྱི་ལུགས་མཐུན་འབད་བརྩོན་ཐོག་ནས་ཕྱོགས་གསུམ་པའི་ཞབས་ཞུ་མཁོ་འདོན་ཚོང་པར་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་ལ་སྲུང་སྐྱོབ་བྱ་ཐབས་སྤྱད་དགོས་པའི་རེ་བ་འདོན་སྲིད། འོན་ཀྱང་ང་ཚོས་དེས་རེ་བ་འདི་ཚོ་ལག་ལེན་བསྟར་མིན་ཁག་ཐེག་བྱེད་ཐབས་བྲལ་བས། ཁྱེད་ཀྱིས་ཕྱོགས་གསུམ་པའི་ཞབས་ཞུ་མཁོ་འདོན་ཚོང་པའི་འབྲེལ་ཡོད་ཀྱི་སྒེར་གསང་སྲིད་ཇུས་ཀློག་ན་ལེགས། ཁྱེད་ཀྱིས་ཧྭ་ཝེའི་ཐོ་ཨང་ཐོ་འཇུག་བྱས་རྗེས། ཉེར་སྤྱོད་འདིའི་ནང་གི་བཀོད་ཁྱབ་ཀྱི་ཆ་འཕྲིན་ལ་ལྟ་བཤེར་བྱས་ཆོག དེར་བརྟེན་ང་ཚོས་ཁྱེད་ཀྱི་ཧྭ་ཝེའི་ཐོ་ཨང་གི་ཆ་འཕྲིན་བསྡུ་རུབ་བྱེད་དགོས་པ་མ་ཟད། དེ་ཉིད་མིང་མེད་པའི་རྣམ་པ་ལྟར་དེ་དང་མཐུན་པའི་ཕྱོགས་གསུམ་པའི་ཞབས་ཞུ་མཁོ་འདོན་ཚོང་པར་སྐྱེལ་སྲིད། ཧྭ་ཝེའི་ཐོ་ཨང་བེད་སྤྱོད་བརྒྱུད་མེད་པའི་ཕྱོགས་གསུམ་པའི་ཞབས་ཞུ་ལ། ང་ཚོས་ཁྱེད་ཀྱི་ཐོ་ཨང་གི་ཆ་འཕྲིན་དབྱེ་འབྱེད་མེད་པའི་ ID (ཕྱོགས་གསུམ་པར་ཁྱེད་ཀྱི་སྒེར་གྱི་གསང་བའི་གཞི་གྲངས་ཐོབ་ཐབས་མེད)ལ་བརྗེས་ནས་ཕྱོགས་གསུམ་པར་བསྐུར་ནས། ཁྱེད་ཀྱི་བཀོད་ཁྱབ་ཀྱི་ཆ་འཕྲིན་ཐོབ་ཅིང་མཁོ་མཁན་གྱི་སྣེར་བཀྲམས་ནས་བཀོད་ཁྱབ་ལྟ་བཤེར་གྱི་ཉམས་ལེན་དེ་བས་ལེགས་པ་མཁོ་འདོན་བྱེད་ཐུབ། གལ་ཏེ་ཁྱེད་ཀྱིས་ཆ་འཕྲིན་འདི་དག་འདོན་སྤྲོད་མ་བྱས་ན། ང་ཚོས་ཁྱེད་ལ་གོང་གསལ་གྱི་ཞབས་ཞུ་གཉིས་ཆ་ཚང་ཞིག་འདོན་སྤྲོད་བྱེད་མི་ཐུབ།1.2 ཁྱེད་ལ་གཤམ་གསལ་ཟུར་སྣོན་རྩོལ་ནུས་ཀྱི་ཞབས་ཞུ་མཁོ་འདོན་བྱེད།
(1)རིག་ལྡན་དྲར་ཞུགས་ཀྱི་ལག་རོགས། རིག་ལྡན་དྲར་ཞུགས་ཀྱི་ལག་རོགས་ཀྱིས་ཁྱེད་ལ་དོན་དངོས་ཀྱི་སྟབས་བདེ་བསྐྲུན་ཐུབ་པའི་རང་གནས་ཀྱི་དྲ་བའི་ཆ་འཕྲིན་ལུགས་མཐུན་གྱིས་བེད་སྤྱོད་བྱེད་ཆོག ཁྱེད་ལ་ཤིན་ཏུ་མྱུར་བའི་དྲ་བ་རིན་མེད་དུ་ཚོད་ལྟའི་བེད་སྤྱོད་བྱེད་པའི་ཞབས་ཞུ་མཁོ་འདོན་བྱེད་ཐུབ། ང་ཚོས་དུས་ངེས་མེད་ལ་བྱེད་སྒོ་དང་ཆེད་སྤྱོད་ཀྱི་རིན་བདེའི་ཆ་འཕྲིན་མཁོ་འདོན་བྱས་ནས། ཁྱེད་ཀྱིས་གོང་ཚད་བདེ་པོའི་ངང་ནས་རྒྱལ་སྤྱིའི་བཞུར་ཚད་སྤུས་ལེགས་ལོངས་སུ་སྤྱོད་བདེ་བཟོ་སྲིད། གོང་གསལ་ཆ་འཕྲིན་ནི་ཁྱེད་ལ་རྒྱལ་མཚམས་བརྒལ་བའི་གོང་བདེའི་ཞབས་ཞུ་མཁོ་འདོན་བྱེད་པ་ཁོ་ནར་སྤྱོད་པ་ཡིན། ཁྱེད་ཀྱིས་ང་ནས་དྲར་ཞུགས་ཞབས་ཞུ། དེ་ནས་རིག་ལྡན་དྲར་ཞུགས་ཀྱི་ལག་རོགས་སུ་སོང་ནས་ཞབས་ཞུ་དེ་ཁ་བརྒྱབ་ཆོག (2)ཡུལ་སྐོར་ལས་རོགས་ཀྱི་ཞབས་ཞུ། ཡུལ་སྐོར་ལས་རོགས་ཞབས་ཞུས་གནས་ཡུལ་གྱི་ཆ་འཕྲིན་དང་དྲ་བའི་ཆ་འཕྲིན་ལ་གཞིར་བྱས་ནས། ཁྱེད་ལ་ཕྱིར་བསྐྱོད་ཞབས་ཞུའི་དྲན་སྐུལ་དང་སྡེབས་ཟས་འོས་སྦྱོར་གྱི་ཞབས་ཞུ་མཁོ་འདོན་བྱས་ནས། ཁྱེད་ཀྱིས་དུས་ཐོག་ཏུ་སྡེབས་ཟས་ལ་རྒྱུས་ལོན་དང་བེད་སྤྱོད་བྱེད་ཆོག དུས་མཚུངས་སུ་དམིགས་སའི་ཡུལ་གྱི་གོང་བདེའི་སྡེབས་ཟས་ཆ་འཕྲིན་ཡར་སྐྱེལ་བྱས་ནས་ཁྱེད་ཀྱིས་དུས་ལྟར་ཤེས་རྟོགས་དང་མངག་ཉོ་བྱེད་བདེ་བ་བཟོ་སྲིད། སྤྱོད་མཁན་གྱི་ཉམས་ལེན་མཐོར་འདེགས་གཏོང་ཆེད། ང་ཚོས་ཕྱོགས་གསུམ་པའི་ཞབས་ཞུའི་(དཔེར་ན་ཞའོ་ཡོན་ཚན་རྩལ་ཡིད་རྟོན་དབྱེ་ཞིབ་ནོར་བུ)ནུས་པ་བེད་སྤྱོད་ཀྱི་ཡོད། ཕྱོགས་གསུམ་པའི་ཞབས་ཞུས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་བསྡུ་ལེན་བྱེད་ཀྱང་སྲིད། ཞིབ་ཕྲ་ཁྱེད་ཀྱིས་ཕྱོགས་གསུམ་པའི་ཞབས་ཞུའི་སྒེར་གསང་སྲིད་ཇུས་ཀློག་རོགས། ཁྱེད་ཀྱིས་ང་ནས་སྒྲིག་འགོད། དེ་ནས་ཡུལ་སྐོར་ལས་རོགས་ཀྱི་ཞབས་ཞུ་རུ་སོང་ནས་དྲན་སྐུལ་གྱི་ཞབས་ཞུ་དང་འོས་སྦྱོར་ཁ་བརྒྱབ་ཆོག (3)SkyTone ཞབས་ཞུའི་རྩོལ་ནུས་རིམ་སྤར། རྩོལ་ནུས་འདི་ནི་ WLAN དྲ་བའི་སྐབས་རང་འགུལ་གྱིས་སྒྲིག་འཇུག་ཐུམ་ཕབ་ལེན་བྱེད་ལ། དུས་ཚོད་མཐུན་སྐབས་རང་འགུལ་གྱིས་SkyTone འཛམ་གླིང་འགུལ་འཕྲིན་གཞི་གྲངས་ཀྱི་ཞབས་ཞུ་ཡི་རྩོལ་ནུས་རིམ་སྤར་བྱས་ནས། ཁྱེད་ཀྱིས་SkyTone ཡི་ཞབས་ཞུ་གསར་ཤོས་ལོངས་སྤྱོད་བྱེད་བདེ། ཁྱེད་ཀྱིས་ང་ནས་སྒྲིག་འགོད། དེ་ནས་མཐོ་རིམ་གྱི་སྒྲིག་འགོད། དེ་རྗེས་SkyTone ཞབས་ཞུའི་ནུས་པའི་རིམ་པ་སྤོར་དུ་ཕེབས་ནས་རང་འགུལ་གྱིས་རིམ་སྤར་བྱེད་པའི་རྩོལ་ནུས་ཁ་བརྒྱབ་ཆོགདེས་SkyTone འཛམ་གླིང་འགུལ་འཕྲིན་གཞི་གྲངས་ཀྱི་ཞབས་ཞུ་དང་SkyToneཔར་གཞི་གཉིས་རང་འགུལ་གྱིས་སྙོམ་སྒྲིག་བྱེད་ཐབས་མེད་པས། ཁྱེད་ཀྱིས་ལག་འགུལ་ནས་འཁྱེར་འཕྲིན་གཞི་གྲངས་ཞབས་ཞུའི་པར་གཞི་རིམ་སྤར་བྱེད་དགོས། (4)དྲ་རྒྱའི་གཏན་འཇགས་རང་བཞིན་མཐོར་གཏོང་། SkyTone ཡིས GPS གནས་ངེས་བརྒྱུད་ནས་མཐའ་མཚམས་ཀྱི་དྲ་བའི་ཁོར་ཡུག་སྙོག་འཛིང་ཆེ་སྐབས་ཞིབ་ཕྲའི་ངང་ནས་ཁྱེད་རང་གནས་ཡུལ་གྱི་རྒྱལ་ཁབ་དང་གྲོང་ཁྱེར་གནས་ངེས་བྱས་ནས། གཏན་འཇགས་ཀྱི་དྲ་བའི་ཞབས་ཞུ་མཁོ་འདོན་གྱིས། ཁྱེད་ལ་དུས་ཐོག་ཏུ་ཉོ་སྒྲུབ་བྱས་ཟིན་པའི་སྡེབས་ཟས་ཁ་ཕྱེ་བ་དང་། SkyTone འཛམ་གླིང་འགུལ་འཕྲིན་གཞི་གྲངས་ཀྱི་ཞབས་ཞུ་ནོར་འཛོལ་ནས་ཁ་རྒྱག་པ་ལས་གཡོལ་ཐུབ། དེར་བརྟེན་ང་ཚོས་ཕྱོགས་གསུམ་པའི་ཞབས་ཞུ་(པའེ་ཏུའི་གནས་ངེས་ལྟ་བུ།)ཡི་རྩོལ་ནུས་སྤྱད་ནས། ཕྱོགས་གསུམ་པའི་ཞབས་ཞུས་ཁྱེད་ཀྱི་མི་སྒེར་གྱི་གཞི་གྲངས་བསྡུ་རུབ་བྱེད་སྲིད་དེ། ཞིབ་ཕྲ་ཁྱེད་ཀྱིས་ཕྱོགས་གསུམ་པའི་ཞབས་ཞུའི་སྒེར་གསང་སྲིད་ཇུས་ལ་གཟིགས་རོགས། ཁྱེད་ཀྱིས་ང་ནས་སྒྲིག་འགོད། དེ་ནས་མཐོ་རིམ་གྱི་སྒྲིག་འགོད་དང་། དེ་ནས་དྲ་རྒྱའི་གཏན་འཇགས་རང་བཞིན་མཐོར་གཏོང་དུ་སོང་ནས་རྩོལ་ནུས་འདིའི་ཁ་བརྒྱབ་ཆོག (5)ཡུལ་སྐོར་ལག་རོགས་ཤུགས་ཆེར་གཏོང་བའི་ཞབས་ཞུ། ཡུལ་སྐོར་ལག་རོགས་ཤུགས་ཆེར་གཏོང་བའི་ཞབས་ཞུས་འཕྲིན་ཐུང་དབྱེ་འབྱེད་བརྒྱུད་ནས། ཕྱིར་བསྐྱོད་ཞབས་ཞུའི་དྲན་སྐུལ་དང་སྡེབས་ཟས་འོས་སྦྱོར་ནུས་པ་མཁོ་འདོན་བྱས་ནས། ཁྱེད་ལ་འགྲོ་འོངས་ཀྱི་འདོད་བློ་བསྐོང་བའི་ཡུལ་སྐོར་གྱི་ཞབས་ཞུ་དེ་བས་མང་བ་མཁོ་འདོན་བྱེད། ཁྱེད་ཀྱིས་ང་ནས་སྒྲིག་འགོད། དེ་ནས་མཐོ་རིམ་གྱི་སྒྲིག་འགོད། དེ་ནས་ཡུལ་སྐོར་ལག་རོགས་ཤུགས་ཆེར་གཏོང་བའི་ཞབས་ཞུ་ནས་ཞབས་ཞུ་དེ་ཁ་བརྒྱབ་ཆོག (6)གནད་དོན་དང་བསམ་འཆར། SkyToneཡིས་ཁྱེད་ལ་གནད་དོན་དང་བསམ་འཆར་རྩོལ་ནུས་མཁོན་འདོན་བྱས་ནས། ཁྱེད་ཀྱིས་སྤྱོད་སྐབས་འབྲེལ་ཡོད་ཀྱི་གནད་དོན་ཐོན་ཚེ་དུས་ཐོག་ཏུ་རོགས་རམ་བྱེད་ཐུབ། ཁྱེད་ཀྱིས་རྩོལ་ནུས་དེ་བེད་སྤྱོད་བྱེད་སྐབས། ང་ཚོས་ཁྱེད་ཀྱི་སྒྲིག་ཆས་ཀྱི་གསལ་བྱེད་རྟགས་དང་འབྲེལ་གཏུག་བྱེད་ཐབས། བཅད་ལེན། ལྡོག་ལན་གྱི་ནང་དོན། ཉེར་སྤྱོད་ཀྱི་ཉིན་ཐོ་ཆ་འཕྲིན་སོགས་བསྡུ་རུབ་བྱེད་སྲིད། (7)ཉམས་ལེན་མཐོར་འདེགས་བྱེད་པ།SkyTone བེད་སྤྱོད་པའི་ཉམས་ལེན་ཇེ་ལེགས་སུ་གཏོང་ཆེད། ང་ཚོས་ཁྱེད་ཀྱི་ SkyTone བེད་སྤྱོད་བྱེད་པའི་འབྲེལ་ཡོད་ཆ་འཕྲིན་འཚོལ་བསྡུ་བྱེད་པ་(དེའི་ནང་དུ་རགས་ལྟ་དང་བལྟ་བཤེར་སོགས་ཀྱི་གཞི་གྲངས་འདུས་ཡོད།)དང་ཁྱེད་ཀྱི་སྒྲིག་ཆས་ཀྱི་གསལ་འབྱེད་རྟགས་འཚོལ་བསྡུ་བྱེད་ངེས་ཡིན། ང་ཚོས་ནང་དོན་ག་གེ་མོ་ཞིག་གི་རགས་ལྟ་དང་འཚམས་འདྲིའི་ཆ་འཕྲིན་ལེགས་སྒྲིག་གི་ནང་དོན་གཞིར་བཟུང་ནས་སྔོན་སྤྱོད་རིམ་པ་འགྲེམས་སྟོན་བྱེད་པ་ཡིན། གལ་ཏེ་ཁྱེད་ཀྱིས་ཆ་འཕྲིན་འདི་དག་འདོན་སྤྲོད་མ་བྱས་ན། ང་ཚོས་ཁྱེད་ལ་གོང་གསལ་གྱི་ཞོར་གཏོགས་རྩོལ་ནུས་ཀྱི་ཞབས་ཞུ་6ཆ་ཚང་ཞིག་འདོན་སྤྲོད་བྱེད་མི་ཐུབ།2 རང་གཤིས་ཅན་གྱི་འོས་སྦྱོར།
ང་ཚོས་ཁྱེད་ཀྱི་སྒྲིག་ཆས་དང་ཉེར་སྤྱོད་སྒྲིག་རིམ་གྱི་བེད་སྤྱོད་གཞི་གྲངས་དང་། ཁྱེད་ཀྱིས་བེད་སྤྱོད་བྱེད་པའི་ SkyTone ཡི་འབྲེལ་ཡོད་ཆ་འཕྲིན་ལ་གཞིགས་ནས། ཁྱེད་ལ་དེ་བས་ལེགས་པའི་ཉམས་ལེན་དང་རང་གཤིས་ཅན་གྱི་ཞབས་ཞུ་མཁོ་འདོན་བྱེད། དེའི་ནང་དུ་བྱེད་སྒོའི་ཚོང་གཉེར་ཆ་འཕྲིན་དང་སྡེབས་ཟས་འོས་སྦྱོར་སོགས་ཚུད་ཡོད། ཁྱེད་ཀྱིས་ང་ནས་དྲར་ཞུགས་ཞབས་ཞུ། དེ་ནས་རིག་ལྡན་དྲར་ཞུགས་ཀྱི་ལག་རོགས་ཤོག་ངོས་བརྒྱུད་ནས་རིག་ལྡན་དྲར་ཞུགས་ཀྱི་ལག་རོགས་ཁ་འབྱེད་དེ། རིན་མེད་ཐོག་ཚོད་སྤྱོད་ཀྱི་ཞབས་ཞུ་དང་བྱེད་སྒོའི་ཆ་འཕྲིན་སྔོན་ནས་ཐོབ་ཐུབ་བདམས་པ་རྩིས་མེད་བྱས་ཆོག རང་གཤིས་ཅན་གྱི་འོས་སྦྱོར་གྱི་སྒོ་རྒྱག་ཏུ་ཡོང་བ།3 བྱིས་པར་སྲུང་སྐྱོབ།
ཉེར་སྤྱོད་འདི་ནི་མི་དར་མ་ཁོ་ནས་བཀོལ་སྤྱོད་བྱེད་པར་མཁོ་འདོན་བྱེད། གལ་ཏེ་ཁྱེད་ནི་ལོ་ན་མ་སོན་པའི་མི་ཡིན་ན། ཁྱེད་ཀྱི་ལྟ་སྐྱོང་པས་ཁྱེད་ཀྱིས་ཉེར་སྤྱོད་འདི་སྤྱོད་བྱེད་པར་འཐད་པ་དང་འབྲེལ་ཡོད་ཉེར་སྤྱོད་ཀྱི་ཞབས་ཞུའི་དོན་ཚན་ལ་འཐད་པ་བྱུང་དགོས། ཕ་མ་དང་ལྟ་སྐྱོང་བྱེད་མིས་ཀྱང་འོས་ཤིང་འཚམ་པའི་སྔོན་འགོག་བྱ་ཐབས་སྤྱད་ནས་ལོ་ན་མ་སོན་པར་སྲུང་སྐྱོབ་བྱེད་དགོས་ཏེ། དེའི་ནང་དུ་ཁོ་ཚོས་ཉེར་སྤྱོད་འདི་བེད་སྤྱོད་བྱ་བར་ལྟ་སྐུལ་བྱ་རྒྱུ་ཚུད་ཡོད།4 ཕྱོགས་གསུམ་པ་དང་མཉམ་སྤྱོད་བྱེད་པ།
SkyTone ཡིས་ཁྱེད་ལ་གོ་ལ་ཧྲིལ་པོའི་མགྲོན་ཁང་དང་། གོ་ལ་ཧྲིལ་པོའི་གླ་འཁོར། རྒྱལ་སྤྱིའི་གནམ་གྲུའི་པ་སེ། སྐད་བརྡའི་ལམ་སྟོན། ཕྱིར་བསྐྱོད་དཔང་ཡིག་དང་འཛིན་བྱང་སྔོན་མངག་སོགས་ཀྱི་ཞབས་ཞུ་འདུས་ཡོད། ཁྱེད་ཀྱིས་ཧྭ་ཝེ་ཐོ་ཨང་ཐོ་འཇུག་བྱས་ནས་ཞབས་ཞུ་དེ་དག་བེད་སྤྱོད་བྱེད་སྐབས། ང་ཚོས་ཁྱེད་ཀྱི་ཐོ་ཨང་གི་ཆ་འཕྲིན་མིང་མི་འགོད་པའི་ལམ་ནས་འབྲེལ་ཡོད་ཀྱི་ཕྱོགས་གསུམ་པའི་ཞབས་ཞུ་མཁོ་འདོན་ཚོང་པར་བརྒྱུད་བསྐུར་བྱེད་ངེས། ཧྭ་ཝེ་ཐོ་ཨང་བེད་སྤྱོད་བརྒྱུད་མེད་པའི་ཕྱོགས་གསུམ་པའི་ཞབས་ཞུ་ལ། ང་ཚོས་ཁྱེད་ཀྱི་ཐོ་ཨང་གི་ཆ་འཕྲིན་དབྱེ་འབྱེད་མེད་པའི་ID(ཕྱོགས་གསུམ་པར་ཁྱེད་ཀྱི་སྒེར་གྱི་གསང་བའི་གཞི་གྲངས་ཐོབ་ཐབས་མེད)ལ་བརྗེས་ནས་ཕྱོགས་གསུམ་པར་བསྐུར་ནས། བཀོད་ཁྱབ་ལྟ་བཤེར་གྱི་ཉམས་ལེན་དེ་བས་ལེགས་པ་མཁོ་འདོན་བྱེད་ཐུབ། ང་ཚོས་ཚོང་དོན་ཐད་ཀྱི་ལུགས་མཐུན་འབད་བརྩོན་ཐོག་ནས་ཕྱོགས་གསུམ་པའི་ཞབས་ཞུ་མཁོ་འདོན་ཚོང་པར་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་ལ་སྲུང་སྐྱོབ་བྱ་ཐབས་སྤྱད་དགོས་པའི་རེ་བ་འདོན་སྲིད།5 ཁྱེད་ཀྱི་གཞི་གྲངས་ལ་དོ་དམ་བྱེད་པ།
ཁྱེད་ཀྱིས་སྔར་ལས་སྟབས་བདེ་བར་ཁྱེད་མི་སྒེར་གྱི་ཆ་འཕྲིན་ལ་ལྟ་སྤྱོད་སྒྲིག་འགོད་བྱེད་ཆེད་དང་། དུས་མཚུངས་ཁྱེད་ཀྱིས་མི་སྒེར་གྱི་ཆ་འཕྲིན་སྤྱོད་པའི་ཆོག་མཆན་གྱི་ཁེ་དབང་ཕྱིར་འཐེན་བྱེད་ཐུབ་པ་འགན་ལེན་བྱེད་ཆེད་དུ། ཁྱེད་ཀྱིས་གཤམ་གསལ་མཛུབ་ཁྲིད་ལ་ཟུར་དཔྱད་དེ་བཀོལ་སྤྱོད་གནང་ཆོག5.1 མི་སྒེར་གྱི་ཆ་འཕྲིན་ལ་ལྟ་སྤྱོད།
བཀོད་ཁྱབ་དང་འཛིན་ཤོག ཁྱེད་ཀྱིས་ SkyTone ཁ་ཕྱེ་ནས་ ང་ནས་བཀོད་ཁྱབ་བམ་ཡང་ན་འཛིན་ཤོགསུ་སོང་ནས། མིག་སྔའི་མངགས་ཐོ་དང་། འཛིན་ཤོག་གི་ཆ་འཕྲིན། དེ་བཞིན་ལོ་རྒྱུས་ལས་སྒོའི་མངགས་ཐོ་དང་། འཛིན་ཤོག་གི་ཆ་འཕྲིན་ལྟ་བཤེར་བྱས་ཆོག དེའི་ནང་དུ་འཛིན་ཤོག་གི་གཞི་རྩའི་ཆ་འཕྲིན་དང་། སྡེབས་ཟས་ཀྱི་རིགས། འཛད་སྤྱོད་ཀྱི་དུས་ཚོད། འཛད་སྤྱོད་ཀྱི་ཟིན་ཐོ་སོགས་ཚུད་ཡོད།5.2 མོས་མཐུན་ཕྱིར་འཐེན།
ཁྱེད་ཀྱིས་དུས་ངེས་མེད་དུ་ཉེར་སྤྱོད་འདི་ལྷུ་གཏོར་བྱས་ནས་གསལ་བསྒྲགས་འདིའི་ནང་དུ་འཁོད་པའི་མི་སྒེར་གྱི་གཞི་གྲངས་ཀྱི་བསྡུ་རུབ་དང་བེད་སྤྱོད་བྱེད་མཚམས་བཞག་ཆོག ཁྱེད་ཀྱིས་ང་ནས་སྒྲིག་འགོད། དེ་ནས་ཉེར་སྤྱོད་ཕྱིར་ཐོན་བྱ་རུ་སོང་ནས་དུས་མཚུངས་སུ་SkyTone ཐོབ་རུང་ཡོད་སྐབས་བརྡ་ཐོ་གཏོང་རོགས་བདམས་པ་རྩིས་མེད་བཏང་ནས་མི་སྒེར་གྱི་གཞི་གྲངས་བསྡུ་རུབ་དང་བེད་སྤྱོད་བྱེད་མཚམས་བཞག་ཆོག གལ་སྲིད་ཁྱེད་ཀྱིས་ཁ་པར་གྱི་ཕྱིར་ཐོན་བྱ་ཞེས་པའི་མཐེབ་གནོན་གནན་པ་ལས། ཉེར་སྤྱོད་འདིའི་ཉེར་སྤྱོད་ཕྱིར་ཐོན་བྱ་ཞེས་པའི་མཐེབ་གནོན་གནན་ནས་ཕྱིར་ཐོན་བྱས་པ་མིན་ཚེ། ཉེར་སྤྱོད་འདི་མུ་མཐུད་དུ་རྒྱབ་སྟེགས་སུ་དྲ་བར་འབྲེལ་ནས་དྲན་སྐུལ་གྱི་ཞབས་ཞུ་འདོན་སྤྲོད་བྱེད་ཀྱང་སྲིད། གལ་ཏེ་ཁྱེད་ཀྱིས་ཁྱེད་ཀྱི་གཞི་གྲངས་གྲུབ་ཆ་གཙོ་བོའི་ཁེ་དབང་ལ་དོགས་གནད་བསམ་འཆར་རམ་གྲོས་གཞི་གང་རུང་ཞིག་ཡོད་ཚེ། གསལ་བསྒྲགས་འདིའི་ནང་གི་ས་བཅད་ཇི་ལྟར་ང་ཚོར་འབྲེལ་གཏུག་བྱེད་ཞེས་པ་ཡི་ནང་དུ་བརྗོད་པའི་འབྲེལ་གཏུག་བྱ་ཐབས་བརྒྱུད་ནས་ང་ཚོ་དང་འབྲེལ་གཏུག་གནང་བ་མ་ཟད་ཁྱེད་ཀྱི་འབྲེལ་ཡོད་ཁེ་དབང་ལག་ལེན་བསྟར་ཆོག6 གཞི་གྲངས་གསོག་ཉར་བྱེད་ས་དང་ཡུན་ཚད།
6.1 གཞི་གྲངས་གསོག་ཉར་བྱེད་ས།
ཞབས་ཞུ་འདིས་བསྡུ་རུབ་དང་ཐོན་པའི་འཛམ་གླིང་སྤོ་རུང་གཞི་གྲངས་ཀྱི་ལས་སྒོ་དང་འབྲེལ་བའི་མི་སྒེར་གྱི་ཆ་འཕྲིན་ཀྲུང་གོའི་ཞང་ཀང་དུ་བརྒྱུད་བསྐུར་བྱས་ནས་གསོག་འཇོག་བྱེད། དེ་ལས་གནད་དོན་བསམ་འཆར། མྱོང་ཚོར་མཐོར་འདེགས་གཏོང་པའི་འབྲེལ་ཡོད་གཞི་གྲངས་ཀྱང་ཀྲུང་གོའི་སྐམ་ས་ཆེན་མོར་ཉར་ཚགས་བྱེད། ཁྱེད་ཀྱི་གཞི་གྲངས་དག་ས་ཁོངས་བརྒལ་ནས་ས་ཁོངས་གཞན་དག་ལ་སྤོ་མི་སྲིད། ཕྱོགས་གསུམ་པའི་ཞབས་ཞུའི་ཚོང་པར་སྤྲོད་པའི་མི་སྒེར་གྱི་ཆ་འཕྲིན་གྱི་གསོག་འཇོག་ས་གནས་ཐད་ལ་འབྲེལ་ཡོད་ཀྱི་གསང་བའི་སྲིད་ཇུས་བརྒྱུད་ནས་སྔར་ལས་ལྷག་པར་ཤེས་རྟོགས་གནང་རོགས།6.2 གཞི་གྲངས་ཉར་ཚགས་བྱེད་པའི་དུས་བཅད།
ང་ཚོས་གསལ་བསྒྲགས་འདི་ལས་བཤད་པའི་དམིགས་ཡུལ་མངོན་འགྱུར་བྱེད་པར་མཁོ་བའི་དུས་ཚོད་ནང་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་སོར་འཇོག་བྱེད་པ་ཙམ་ལས། གཤམ་གྱི་སོར་འཇོག་དུས་ཚོད་ལས་བརྒལ་ཚེ་སུབ་པའམ་ཁྱེད་ཀྱི་མི་སྒེར་ཆ་འཕྲིན་མིང་མི་འགོད་པར་བཟོ་རྒྱུ་ཡིན། འོན་ཀྱང་བཅའ་ཁྲིམས་ཁྲིམས་སྲོལ་གྱི་རེ་འདུན་གཞན་དག་འདིའི་ཁོངས་སུ་མི་ཚུད། ཁྱེད་ཀྱི་ཧྭ་ཝེའི་ཐོ་ཨང་གི་ཆ་འཕྲིན་ཁྱེད་ཀྱིས་ཁྱེད་ཀྱི་ཧྭ་ཝེའི་ཐོ་ཨང་མ་བསུབ་བར་དུ་གསོག་འཇོག་བྱེད་སྲིད།7 ང་ཚོ་དང་ཇི་ལྟར་འབྲེལ་གཏུག་བྱེད་དམ།
ང་ཚོས་མི་སྒེར་གྱི་ཆ་འཕྲིན་ལ་སྲུང་སྐྱོབ་བྱེད་པའི་ཆེད་ལས་སྡེ་ཁག་ (ཡང་ན་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་བྱེད་པའི་ཆེད་བཏང་མི་སྣ།) བསྐོ་འཇོག་བྱས་ཡོད། ཁྱེད་ཀྱིས་གསང་བའི་དྲི་བའི་དྲ་ངོས་ལ་(https://consumer.huawei.com/cn/legal/privacy-questions/)ལྟ་སྤྱོད་བྱེད་པ་བརྒྱུད་ནས་དེ་དང་འབྲེལ་བ་བྱེད་ཆོག ང་ཚོས་གང་མགྱོགས་ཀྱིས་ལན་བསློག་ངེས་ཡིན། གལ་ཏེ་ང་ཚོས་ལན་བཏབ་པ་དེ་ལ་ཁྱེད་རང་མ་འཐད་པའམ། ལྷག་པར་དུ་ང་ཚོས་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་པའི་བྱ་སྤྱོད་ཀྱིས་ཁྱེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བ་ཡིན་ཚེ། ཁྱེད་ཀྱིས་དོ་དམ་དབང་ཆ་ཡོད་པའི་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་རྒྱག་པ། ལས་རིགས་རང་བདག་མཐུན་ཚོགས་སམ་སྲིད་གཞུང་འབྲེལ་ཡོད་དོ་དམ་ལས་ཁུངས་ལ་ཞུ་གཏུག་རྒྱག་པ་སོགས་ཀྱི་ཕྱི་རོལ་ཐབས་ལམ་བརྒྱུད་ནས་ཐག་གཅོད་བྱ་ཆོག ཁྱེད་ཀྱིས་ཀྱང་ང་ཚོ་ནས་སྤྱོད་གོ་ཆོད་པའི་འབྲེལ་ཡོད་ཞུ་གཏུག་ཐབས་ལམ་གྱི་ཆ་འཕྲིན་རྒྱུས་ལོན་བྱས་ཆོགཧྭ་ཝེ་ཡིས་ཐོག་མཐའ་བར་གསུམ་དུ་ང་ཚོའི་སྒེར་གསང་སྲིད་ཇུས་ལ་བརྩི་སྲུང་བྱས་ནས་ཁྱེད་ཀྱི་ཆ་འཕྲིན་འཚོལ་སྡུད་དང་བེད་སྤྱོད་བྱ་སྲིད། ང་ཚོའི་སྒེར་གསང་སྲིད་ཇུས་ཀྱི་སྐོར་ནས། ཧྭ་ཝེའི་འཛད་སྤྱོད་པའི་ལས་སྒོའི་གསང་བའི་གསལ་བསྒྲགས། (https://consumer.huawei.com/minisite/legal/privacy/statement.htm?code=CN&language=bo-CN) ལ་ལྟ་ཀློག་བྱས་ཆོག